རྩོམ་རིགས།


རང་བཞིན་བརྗོད་པའི་དཔེར་བརྗོད།
    སྒལ་ཚིགས་འགུག་དང་རྭ་བ་གཉིས།།
    རྐངམ་བཞི་འགྱོ་དང་མཇུག་མ་རིངམོ།།
    འདབ་འདྲ་རྣམ་དང་མིག་ཏོག་ཆུང་།།
    ཁྱིམ་གྱི་སྒོ་ཁར་སྡོད་མི་ནོར།།
བྱ་བ་རང་བཞིན་བརྗོད་པའི་དཔེར་བརྗོད།
    སྨན་ལྗོངས་ཞིང་འདིར་གཟིགས་པའི་མགོན།།
    འགྲོ་བའི་མུན་པ་གསལ་བའི་བདག།།
    སངས་རྒྱས་བསྟན་པ་དང་ཁྱབ་མཛད།།
    འབྲུག་མི་ཡོངས་ཀྱི་ཆོས་ཀྱི་རྒྱལ།།
བཟློག་པའི་དཔེ།
    མཛེས་མ་ཁྱོད་ཀྱི་གདོང་བཞིན་ནི།།
    དཀར་པོ་དཀར་བས་དུང་དཀར་འདྲ།།
    སྟག་ཤར་ཡིད་ཁར་འཕྲོག་བཅུག་དང་།།
    ས་སྟེང་འདི་ན་ཡོངས་གྲགས་སོ།།
ངེས་པའི་དཔེ།
    སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་བུམོ།།
    དགའ་འཛུམ་ལེགས་པའི་མིག་གི་ཡིད་འོང་མ།།
    འདི་ནང་ཞུགས་མི་སྟག་ཤར་གཞོན་མ་གྱི།།
    ཆགས་སའི་བུ་མོ་ཁྱོད་ལས་གཞན་འདི་མེད།།
ངེས་མེད་ཀྱི་དཔེ།
རང་ལུ་བྱམས་རྩེ་ཨ་རྟག་བྱིན་ཚུགས་མི།།
ཕམ་འདི་གནམ་ལས་ཤར་བའི་ཟླཝ་དང་འདྲ།།
གཞན་ཡང་རང་ལུ་བྱམས་རྩེ་བྱིན་ཚུགས་མི།།
དཔེ་གཞན་ཡོད་རུང་དེ་དང་འདྲ་ནི་མས།།
རབ་བཏགས་ཀྱི་དཔེ།
    དཀར་མདངས་ཆེ་བའི་ཁྱོད་གདོང་དཀྱིལ་འཁོར་ནི།།
    ཡོད་ཅེས་རྒྱུ་དཀར་རྒྱལ་པོ་སྙེམས་མི་དགོས།།
    ཆོས་དུང་གཡས་འཁྱིལ་ལ་ཡང་དེ་ལྟ་བུ།།
    མཛེས་པའི་ཁྱད་ཆོས་ལྡན་པ་མ་མཐོང་ངམ།།
སྨད་པའི་དཔེ།
    གནམ་བྱཱར་ལུ་ཤར་བའི་མེ་ཏོག་ཚུ།།
    ཀུན་གྱི་རྒྱན་རུང་སལཝ་གི་བཅོམ་པའི་གཞི།།
    འདི་དང་མཚུངས་པའི་འཛམ་གླིང་བུ་མོ་ཚུ།།
    ཞལ་འདི་འདྲཝ་ཡང་མ་ཚད་ཁྱད་པར་འཕགས།།
བསྔགས་པའི་དཔེ།
    ཨ་ལོའི་རེ་བ་དྲིན་ཆེན་ཕམ་གྱིས་བསྒྲུབས།།
    སྨན་ཆུང་བུམོ་འདི་བུཚུ་གི་རྒྱན་ལུ་དང་།།
    དེ་ཚུའི་ཁྱད་ཆོས་འཛམ་གླིང་འགྲོ་ལུགས་ལུ།།
    ཡོད་པའི་ཁྱད་ཆོས་དེ་ཉིན་མཚུངས་སྦེ་མཐོང་།།
དགག་པའི་དཔེ།
    སློབ་དང་ཁྲོམ་ལུ་འཆམ་པའི་ཆ་རོགས་ལུ།།
    ཕན་པའི་ལཱ་དང་གཏམ་ཚིག་ཁོ་ན་མེད།།
    དེ་གིས་ཕམ་དང་སྤུན་ཆའི་བསླབ་བྱ་ལུ།།
    གཞན་གྱི་དོ་འགྲན་ཚུགས་པའི་ནུས་པ་མེད།།
ངོ་བསྟོད་ཀྱི་དཔེ།
    སློབ་གྲྭའི་སློབ་དཔོན་ཡོན་ཏན་ཟབ་ཀྱི་མཛེས།།
    གཡུས་ཀྱི་ཕམ་ནི་སྙིང་རྗེའི་སེམས་ཀྱི་མཛེས།།
    ཨིན་རུང་མཚུངས་པའི་ཆོཧ་རྣམས་དེ་བདག་ལ།།
    སླབ་ནིའི་ཚིག་འདི་གཞན་ནི་ང་ལུ་མེད།།
དེ་ཉིད་བརྗོད་པའི་དཔེ།
    འདི་ཉིད་ཆོས་ཀྱི་དཔལ་མོའི་ཞལ་རས།།
    ཡིན་གྱི་རྒྱུ་སྐར་རྒྱལ་པོའི་མཛེས་དཔལ་མིན།།
    ཟླ་བ་མཛེས་པའི་བཀྲ་མིན་འདི་གིས་འོད།།
    དོངས་གྲུབ་མྱུར་དུ་གནང་བའི་ཆོས་ཀྱི་ལྷ།།
ཐུན་མོང་མིན་པའི་དཔེ།
    གནམ་ལས་ཤར་བའི་ཟླཝ་གིས་ཡང་།།
    དོ་འགྲན་མེད་པའི་རྗེ་བཙུན་གྱི།།
    ཞལ་ནི་ཡོངས་གྲགས་ཆེ་བའི་མིང་གཏམ།།
    དེ་ཉིད་མཚུངས་དཔེ་གཞན་མེད་རང་ཉིད་དཔེ།།
རྣམ་འགྱུར་གྱི་དཔེ།
    བལྟ་རུ་སུན་མེད་པའི་ཁྱོད་ཀྱི་ཞལ།།
    མེ་ཏོག་པད་མའི་སྦུག་ལས་བཏོན་བཏོནམ་བཟུམ།།
    སླབ་པའི་ཁ་ལས་ཧན་པའི་ཚིག་གསུམ་ཡང་།།
    མཁས་པའི་ཞལ་ལས་དཔེ་འདི་ལེན་ལེནམ་བཟུམ།།

དྲན་གསོ་་་་སྣང་བ་གང་ཤར་གྱི་རྩོམ་། འཛོལ་བ་ཡོད། 
its purely mine and its personal too.

No comments:

Post a Comment