News written by me



གནམ་ལོ་༢༠༡༣གྱི་ ལོ་ལྟར་ནམ་བྱཱར་གྱི་ལག་རིལ་འགྲན་བསྡུར།
བུམ་པ་དང་དཔལ་བེའུ་མཉམ་ལས་སྡེ་ཚན་གཉིསཀྱི་བར་ན་ལག་རིལ་གྱི་མཐའ་དཔྱད་འགྲན་བསྡུར།
བྲིས་མི་ལྷུན་གྲུབ་ཆོས་རྒྱས།ལོ་ངོ་༣པ་རྫོང་ཁ་ཁ་སྡེ།
དབྱིན་ཚེས་༠༤/༠༦/༢༠༡༣ལུ་སྤ་རོ་ཤེས་རིག་མཐོ་རིམ་གྲྭ་ནང་ལུ་ལོ་ལྟར་ཕྱོགས་སྡེ་ལྟར་གྱི་ལག་རིལ་གི་མཐའ་དཔྱད་འགྲན་བསྡུར་ནང་སྐུ་མགྲོན་གཙོ་བོ་འབད་གཙུག་ལག་ཤེས་རིག་མཐོ་རིམ་སློབ་གྲྭ་གི་ཡོངས་ཁྱབ་མདོ་ཆེན་གྱི་དབུ་གཙོ་པའི་ལེགས་སྦྱར་བ་རྣམས་དང་ དེ་ལས་སློབ་དཔོན་སློབ་སྦྱོང་པ་མང་རབ་ཅིག་གིས་ འདི་ནང་ལུ་ལྟདམོ་བལྟ་བར་འཛོམས་ཡོདཔ་ཨིན།
གནམ་ལོ་ ༢༠༡༣ གྱི་ལག་རིལ་རྩེད་འགྲན་འདི་ཡང་ བུམ་པ་མཉམ་ལས་དང་དཔལ་བེའུ་མཉམ་ལས་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་བའི་སྐབས་ ཆ་ཚན་དང་པའི་སྐབས་ལུ་ བུམ་པ་ཕྱོགས་སྡེ་གྱི་སྐུགས་ ༢༤ དང་ དཔལ་བེའུ་ཕྱོགས་སྡེ་གི་སྐུགས་ ༢༡ཐོབ་ཅི། ཆ་ཚན་གཉིས་པའི་ནང་ལུ་ཡང་ བུམ་པ་ཕྱོགས་སྡེ་གི་སྐུགས་ ༢༤ དང་ དཔལ་བེའུ་ཕྱོགས་སྡེ་གི་སྐུགས་ ༡༧ ཐོབ་ཅི། འདི་བཟུམ་སྦེ་རང་ ཆ་ཚན་གསུམ་པའི་སྐབས་ལུ་ དཔལ་བེའུ་ཕྱོགས་སྡེ་གི་སྐུགས་ ༢༤ དང་ བུམ་པ་ཕྱོགས་སྡེ་གི་སྐུགས་ ༢༢ ཐོབ་ཅི། དེ་ལས་ཆ་ཚན་བཞི་པའི་སྐབས་ལུ་ དོ་རུང་དཔལ་བེའུ་ཕྱོགས་སྡེ་གིས་སྐུགས་ ༢༤ དང་ བུམ་པ་ཕྱོགས་སྡེ་གིས་སྐུགས་ ༢༣ ཐོབ་འབད་ཁོང་གཉིསཔ་ཆ་ར་འགྲན་འབད་སྡོད་ཡི།
དེ་ལས་ མཇུག་གི་ཆ་ཚན་ལྔ་པའི་སྐབས་ལུ་ གཅིག་གིས་གཅིག་རྩ་འགེངས་ཏེ་ རྒྱལ་ཕམ་ག་གིས་འཐོབ་ནི་ཨིན་ན་ མ་ཤེས་པར་ ལྟདམོ་བལྟ་མི་ ལ་ལུ་ཚུ་གི་བུམ་པ་སྡེ་ཚན་ལུ་རེ་བ་བསྐྱེད་ ལ་ལུ་གི་དཔལ་བེའུ་མཉམ་ལས་སྡེ་ཚན་དེ་ལུ་ རེ་བ་བསྐྱེད་དེ་ སྡོད་པའི་སྐབས་ལུ་ བུམ་པ་མཉམ་ལས་སྡེ་ཚན་གྱི་སྐུགས་ ༢༤ དང་ དཔལ་བེའུ་ཕྱོགས་སྡེ་གིས་སྐུགས་ ༢༣འཐོབ་སྟེ་ བུམ་པ་མཉམ་ལས་སྡེ་ཚན་གྱི་ ཨང་དང་པ་འཐོབ་ཅི། འདི་ནང་ལུ་ ཨང་དང་པའི་གསལ་རས་ཀོངམ་སྦོམ་ཅིག་དང་ ཨང་གཉིས་པའི་གསལ་རས་ཀོངམ་ཆུང་ དེ་དང་འདྲཝ་འབད་ ཕྱོགས༌སྡེ༌ལྟར༌གྱི༌ ཨང་དང་པ་གཉིས་པའི་ལག་འཁྱེར་ཡང་ གཙུག་ལག་ཤེས་རིག་གི་ལེགས་སྦྱར་བ་ སློབ་དཔོན་ཕྲིན་ལས་དབང་ཕྱུག་མཆོག་གི་གནང་ཡོདཔ་ཨིན།
འདི་བཟུམ་སྦེ་ ལས་རིམ་འགོ་འདྲེན་འཐབ་དགོ་མི་འདི་གཙོ་བོ་ར་ མ་འོངས་སློབ་ཕྲུག་ཨ་ལོ་འདི་ཚུ་གི་རྒྱུད་ལུ་ ཤེས་ཡོན་རྐྱངམ་ཅིག་མེན་པར་ ཀུན་ཚང་ཤེས་ཡོན་ཡང་ཁག་ཆེཝ་ལས་བརྟེན་ཏེ་ཨིནམ་མ་ཚད་ ལྷག་པར་དུ་ཡང་ ད་རེས་ནངས་པར་ སློབ་ཕྲུག་ན་གཞོན་མང་ཤོས་ར་ རྫས་ངན་སྨྱོས་རྫས་ ཆང་དང་ཏམ་ཁུ་ སྨན་རྫས་ལ་སོ་གས་པ་ཚུ་ལུ་ལོང་སྤྱོད་སྡོད་མི་དང་ དེ་ལས་འཐབ་འཛིང་འདི་ཚུ་ལུ་བཅའ་མར་གཏོགས་ཏེ་སྡོད་དོ་ཡོདཔ་ལས་ རྐྱེན་ངན་འདི་ཚུ་ལས་བཀག་ནི་གི་ཐབས་ལུ་ དམིགས་ཏེ་བསྐྱེད་དེ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་འདི་ནང་ལུ་ ལས་རིམ་འདི་ཚུ་འགོ་འགྲན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།


ན་གཞོན་བསམ་སྦྱོར་ལེགས་བཅོས་ཐར་གྲོལ་ལམ་བཟང་།
བྲིས་མི་་་ ལྷུན་གྲུབ་ཆོས་རྒྱས། རྫོང་ཁ་ ལོ་ངོ་༣པ་ ཁ་སྡེ།          
༠༢/༠༤/༢༠༡༣། ཪང་ལུགས་གནམ་ལོ་ ཆུ་མོ་སྦྲུལ་ལོ་ ཟླ་བ་༢པའི་ཚེས་༢༢་དབྱིན་ཚེས་༠༢ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ལོ་བསྟར་གྱི་ ན་གཞོན་བསམ་སྦྱོར་ལེགས་བཅོས་ཐར་གྲོལ་ལམ་བཟང་འདི་  གཙུག་ལག་ཤེས་རིག་མཐོ་རིམ་སློབ་གྲྭའི་ ཡོངས་ཁྱབ་མདོ་ཆེན་དང་ ལམ་སྲོལ་དྲུང་ཆེན་གྱི་ འགོ་འདྲེན་ཐོག་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་རིན་པོ་ཆེ་ བསམ་གཏན་རྡོ་རྗེ་མཆོག་གི་དབུ་བཞུགས་ཀྱི་ཐོག་ལས་ ཉིནམ་གྲངས་༩གི་རིང་ལུ་འགོ་འདྲེན་ཐབས་དོ་ཡོདཔ་ཨིནམ་མས།
དེ་བཟུམ་མའི་ལས་རིམ་ ལོ་ཨ་རྟག་ར་ འགོ་འདྲེན་ཐབས་དགོ་པའི་དམིགས་ཡུལ་འདི་གཙོ་བོ་རང་ སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅན་གྱི་དོན་དུ་ཨིནམ་མ་ཚད་ དཔལ་ལྡན་འབྲུག་པའི་ མི་ཆེ་འབྲིང་ཆུང་གསུམ་གེ་ར་གྱི་ ལས་འབྲལ་བསླུ་བ་མེད་པར་ ཧ་དགོ་ནི་དང་ བླང་དོར་གྱི་གནས་འདི་ཚུ་ཚུལ་དང་ལྡནམ་འབད་ ཉམས་སུ་བླང་ཚུགས་ནི་གི་དོན་ལུ་དམིགས་ཏེ་ཨིནམ་མས།
འདི་ནང་ལུ་འགོ་འདྲེན་འཐབ་མི་ ལམ་སྲོལ་དྲུང་ཆེན་འཇིགས་མེད་རྟ་མགྲིན་དཔལ་འབྱོར་གྱི་འབད་བ་ཅིན་ འདི་བཟུམ་མའི་ལས་རིམ་འགོ་འདྲེན་ཐབས་དགོ་མི་འདི་ སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་འཕྲུལ་ ཨོ་རྒྱན་སངས་རྒྱས་གཉིས་པ་མཆོག་དང་ འདི་གི་གདུང་སྲས་དྲི་མ་མེད་པ་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་རྣམ་གཉིས་ཀྱིས་ གཞི་བཙུགས་གནང་མི་ རང་ལུགས་ལམ་སྲོལ་བཟང་པོ་འདི་ཚུ་ འབྲུག་རྒྱལ་ཁབ་ནང་གི་ ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ངོ་རྟགས་གཅིག་ཨིནམ་བཞིན་དུ་ ཤེས་རིག་མཐོ་རིམ་སློབ་གྲྭ་འདི་ནང་ཡང་ རང་ལུགས་ལམ་སྲོལ་བདག་འཛིན་འཐབ་ནི་ལུ་ དམིགས་བསལ་གྱི་གཙོ་བསྟེན་འབད་ཐོག་ལས་ མ་འོངས་པའི་ན་གཞོན་ལུ་ལམ་སྟོན་འབད་མི་སློབ་སྟོན་སྦྱོང་བརྡར་པ་ཚུ་ལུ་ ཕ་ཤུལ་བུ་དང་ གཡག་ཤུལ་ཀོཝ་ཟེར་བའི་དཔེ་དང་འདྲཝ་འབད་ བདག་འཛིན་འཐབ་ཐངས་ཀྱི་ལམ་སྟོན་ཚུ་ ག་དེ་དྲག་དྲག་སྟོན་ནིའི་དོན་ལུ་ ལམ་སྲོལ་གྱི་འཆར་གཞི་དང་འཁྲིལ་ ལས་རིམ་འགོ་འདྲེན་ཐབས་དོ་ཨིན་མས།
ཉིནམ་དང་གཉིས་པའི་ནང་ལུ་ གཙུག་ལག་སློབ་དཔོན་རིན་པོ་ཆེ་མཆོག་གི་ ལོ་ངོ་དང་པའི་སློབ་སྦྱོང་པ་ཚུ་ལུ་ དཀོན་མཆོག་གསུམ་ལུ་སྐྱབས་སུ་ཞུ་ཚུལ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་དགོ་པའི་སྐོར་ལས་ དེ་ལས་མཆེད་རྟེན་བསྐོར་ར་བརྐྱབ་དགོ་པའི་དགོས་པ་དང་ཕོན་ཡོན་ བཛྲ་གུ་རུ་དང་མ་ནེ་ཚུ་དི་ཡིག་འབྲུ་རེ་རེ་གིས་དགོས་དོན་དང་ཕན་ཡོན་གྱི་སྐོར་ གནས་བསྐོར་ལུ་འགྱོ་དགོ་པའི་དགོས་པ་དང་ཕན་ཡོན་ དེ་མ་ཚད་ ལྷ་ཁང་དགོན་སྡེ་དང་ རང་སོའི་སློབ་སྦྱོང་འབད་སའི་ས་ཁོངས་ཚུ་ལུ་ ཕྱག་བདར་བརྐྱབ་ནི་ གཙང་སྦྲ་འབད་བཞག་ནི་ཚུ་གིས་སྐོར་ལས་གསུངས་གནང་ཡི།
དེ་བཟུམ་འབད་རང་ ལོ་ངོ་གཉིས་ཚུ་ལུ་ བློ་ལྡན་རྣམ་པ་བཞི་དང་ཚད་མེད་བཞིའི་ བདེན་པ་བཞིའི་ དགེ་བའི་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་ལས་གསུང་གནང་ཡོདཔ་མ་ཚད་ སྐྱེ་བ་སྔ་ཕྱིའི་ངོ་སྤྲོད་དང་གཞི་རྟེན་ སྐྱེས་བ་སྔ་མ་ཡོད་པའི་ཁུངས་དང་འདིའི་དཔེ་ དེ་ལས་ ལས་རྒྱུ་འབྲས་ཀྱི་སྐོར་དང་ལས་འབྲས་བསླུ་བ་མེད་པའི་སྐོར་ འདིའི་དཔེ་དང་ སྐྱེ་བ་ཕྱི་མ་ཡོད་པའི་སྒྲུབ་བྱེད་ སྐྱེ་བ་ཕྱི་མ་ཡོད་པའི་བཀའ་ལུང་ཚད་མ་འདི་ཚུ་ མཁན་ཆེན་མཆོག་གིས་ དགོས་ཤིང་རྒྱསཔ་འབད་གསུངས་གནང་ཡི།
དེ་ལས་ ཁོང་ལོ་ངོ་གསུམ་པ་ཚུ་ལུ་ མཁན་ཆེན་མཆོག་གིས་ སྲིད་པའི་དཀྱིལ་འཁོར་གྱི་དཔེ་རིས་དང་ངོ་སྤྲོད་ཀྱི་སྐོར་ དེ་མ་ཚད་ མི་ཆོས་གཙང་མ་བཅུ་དྲུག་གི་ འབྱུང་ཁུངས་དང་དགོས་དོན་ གོ་དོན་ འདི་ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་ཚུ་གིས་སྐོར་ལས་གསུངས་གནང་ཡི། འདི་བཟུམ་སྦེ་ ལོ་ངོ་བཞི་པའི་ སློབ་སྦྱོང་པ་ཚུ་ལུ་ ས་དང་ལམ་གྱི་རྣམ་གཞག་དང་ རྒྱུ་བདེ་གཤེགས་སྙིང་པོ་དང་འབྲལ་བའི་སེམས་ཀྱི་གནས་ལུགས་ཀྱི་སྐོར་ལས་དགོས་ཤིང་རྒྱསཔ་འབད་གསུང་ཚར་བའི་ཤུལ་ལུ་ ཐོས་གྲོལ་གྱི་ཁྲིད་ང་ ཚོགས་འཁོར་དེ་ལས་དབང་གནང་སྟེ་མཇུག་ར་མཐོ་རིམ་སློབ་གྲྭའི་ལམ་སྲོལ་སྡེ་ཚན་གྱི་ཁ་ཐུགས་ལས་ གླུའི་མཆོད་པ་རིམ་པ་འབད་འཕུལ་བའི་ཤུལ་ལུ་ བཀྲིས་ལེགས་སྨོན་གྱི་གླུ་གཞས་ཀྱི་འབད་ ལས་རིམ་འདི་ཡ་མཚན་ཆེ་ཏོག་ཏོ་དང་ སྤྲོ་བ་ཆེ་ཏོག་ཏོ་འབད་མཇུག་བསྡུ་ཡོད་པའི་གནས་ཚུལ།།  
བཀའ་དྲིན་ཆེ།



1 comment: