Friday, October 24, 2014

གཡུས་འདི་གི་མིང་ ག་དེ་སྦེ་དར་ཡི་ག་ འདི་གི་སྐོར་ལས་ཞིབ་འཚོལ་མདོར་བསྡུས།

དང་ཕུའི་བཤད་སྲོལ། ༼ཚྭ་གླིང་འཁོར་རམ་སྒོར་བའི་བཤད་པ༽
Tshelingkhor Village
ཚྭ་གླིང་འཁོར་ཟེར་ སླབ་སྲོལ་ཡོད་དགོ་པའི་ཁུངས་འདི་ ཧེ་མ་ཚྭ་རི་ཟེར་ ད་ལྟོ་ཡོད་པའི་ གཡུས་ཚན་གྱི་རྒྱབ་ལས་ གངས་རི་གཉིས་ཀྱི་སྦུག་ལས་མར་ བབས་ཏེ་འགྱོ་མི་ཆུའི་མིང་འདི་ལས་བརྟེན་ཏེ་ སླབ་སྲོལ་དར་ནུག་ཟེར་ཞུ་ནི་ཨིན་ལགས། དེ་ཡང་ ཆུ་མོ་འདི་ཁ་ལས་ ཚྭ་ཡང་ཐོབ་ནི་ཡོད་ཟེར་གཡུས་ཁའི་མི་རྒན་རྒས་ཚུ་གིས་བཤད་ནི་འདུག། ད་རེས་ནངས་པ་ཡང་ རང་གི་རྐངམ་དང་ལགཔ་ དེ་ལས་ གཟུགས་འདི་ཚུ་ལུ་ཡོད་པའི་རྨ་འདི་ཚུ་ཡང་ ཆུ་མོ་འདི་གུ་འགྱོ་ཞིནམ་ལས་ ཆུ་འཁྱུ་བ་ཅིན་ དྲག་ནི་ཡོད་ཟེར་གཡུས་ཁའི་མི་ལེ་ཤ་ཅིག་གི་ར་བཤད་ནི་འདུག། ད་རེས་ནངས་པར་ ས་གནས་དེ་ཁ་ལས་ ཚྭ་འདི་ངོ་མ་འབད་འཐོན་ནི་དང་ཐོབ་ནི་མེད་རུང་ དང་ཕུ་ ས་གནས་དེ་ཁ་ལས་ ཚྭ་ཐོབ་ནི་ཡོདཔ་ལས་བརྟེན་ཏེ་ གཡུས་ཚན་འདི་གི་མིང་ཡང་ རྒྱུ་མཚན་འདི་འབདཝ་ལས་འབྱུང་ཡོདཔ་ཨིན་མས་ལགས།
དེང་སང་གི་སླབ་སྲོལ།

Tshelingkhor Maan 
མ་པ་གཡུས་ཚན་འདི་གི་མིང་ ཚྭ་གླིང་འཁོར/སྒོར་ཟེར་ སྤྱི་ལོ་ ༢༠༠༢ ཚུན་ཚན་ར་ སླབ་སྲོལ་དང་ ཡི་གུའི་ཁ་ཡིག་གུ་ལུ་འབྲི་སྲོལ་མཐོང་ཡོདཔ་ཨིན་ད་ སྤྱི་ལོ་ ༢༠༠༣ ལས་ ༢༠༠༤ དེ་ཅིག་ལས་ སླབ་སྲོལ་དང་འབྲི་སྲོལ་གཉིས་ཆ་ར་ མར་ཉམས་འགྱོ་ནུག་ཟེར་ཞུ་ནི་དང་ ད་རེས་གཡུས་ཚན་གྱི་མིང་ཡང་ ཚེ་གླིང་འཁོར་ཟེར་ རྗོད་སྒྲ་མར་ཉམས་འགྱོ་སྟེ་ ༼ཚྭ་གླིང་འཁོར༽ ཟེར་མེན་པ་ ༼ཚེ་གླིང་འཁོར༽ ཟེར་སླབ་སྲོལ་སོང་ཡོདཔ་ཨིན་མས་ལགས།

Tuesday, May 6, 2014

འཇའ་དྲུང་དགོན་པའི་ལོ་རྒྱུས་མདོར་བསྡུས།

(Built by Lama Sonam Rinchen at around 1970-73)
འཇའ་དྲུང་དགོན་པའི་ལྷ་ཁང་ གདན་ས་བཅགས་གནང་མི་འདི་ ཞིང་གཤེགས་དམ་པ་ སློབ་དཔོན་ བསོད་ནམས་རིན་ཆེན་མཆོག་ཨིན་མས། དེ་ཡང་ ལྷ་ཁང་བདག་འཛིན་པ་ རྒཔོ་གྲེསཔ་ རྒྱ་མཚོ་གི་བཤད་མི་གནང་འབད་བ་ཅིན་ སློབ་དཔོན་ ཁོ་ར་ སྔོན་མ་ར་ གཡུས་ཚེ་གླིང་འཁོར་ལུ་ གདན་ས་བཅགས་གནང་ དེ་ལས་ གཡུས་ཚེ་གླིང་སྒོར་ལས་ གདུང་བསམ་ བདེ་བ་ཐང་ སྦོ་དོ་ཡེ་ ཟེར་སར་གྱོན་ཏེ་བཞུགས་ནུག། དེ་ལས་ཚུར་ ཁོ་རའི་སྔ་མའི་ལུང་བསྟན་དང་འཁྲིལ་ཏེ་ སླར་ཡང་འཇའ་དྲུང་དགོན་པ་ལུ་གྱོན་ཞིནམ་ལས་ སྤྱི་ལོ་ ༡༩༧༠ ལུ་ ལྷ་ཁང་བཞེངས་ཏེ་ སྤྱི་ལོ་ ༡༩༧༣ ལོར་ལུ་ བསྟན་སྲུང་ཁྲ་དེབ་ཡང་འཁོད་གནང་ནུག།
Contributed by x-gup Jamtsho 

Wednesday, January 15, 2014

ཞིབ་འཚོལ་འོང་པའི་བསྒང་་་་་་་་

པད་མ་དགའ་ཚལ་རྫོང་ཁག་ནང་ལུ་ཡོད་པའི་ གཡུས་ཚེ་གླིང་སྒོར་ཟེར་ས་ ཆགས་དེ་ཡོད་པའི་ ལྷ་ཁང་ བྱ་གྲུང་མགོན་པ་ཟེར་མི་གི་སྐོར་ལས་ ཞིབ་འཚོལ་འབད་བའི་བསྒང་ཡོདཔ་་་་་་་་་་་་་་་་་་་་་་་་

ཚེ་གླིང་འཁོར་ གཡུས་ཚན་གྱི་སྐོར་ལས་ ངོ་སྤྲོད་མདོར་བསྡུས།

པད་མ་དགའ་ཚལ་རྫོང་ཁག་གི་ནང་ལས་ ཚེ་གླིང་འཁོར་གཡུས་ཚན་འདི་ བཟོ་བལ་རྒེད་འོག་གི་མངའ་འོག་ལས་གཅིག་ཨིནམ་དང་ འདི་ཡང་ཚེ་གླིང་འཁོར་གཡུས་ཚན་འདི་ པད་མ་དགའ་ཚལ་འགྱོ་སའི་འཛུལ་སྒོ་ལས་ བཀྲིས་སྒང་འགྱོ་སའི་གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་དགུ་དེམ་ཅིག་གི་ ས་ཁར་ གང་རི་གཉིས་ཀྱི་སྦུག་ལུ་ དགའ་ཏོག་ཏོ་འབད་ཆགས་ཏེ་ཡོད་ཨིན།