Tuesday, May 6, 2014

འཇའ་དྲུང་དགོན་པའི་ལོ་རྒྱུས་མདོར་བསྡུས།

(Built by Lama Sonam Rinchen at around 1970-73)
འཇའ་དྲུང་དགོན་པའི་ལྷ་ཁང་ གདན་ས་བཅགས་གནང་མི་འདི་ ཞིང་གཤེགས་དམ་པ་ སློབ་དཔོན་ བསོད་ནམས་རིན་ཆེན་མཆོག་ཨིན་མས། དེ་ཡང་ ལྷ་ཁང་བདག་འཛིན་པ་ རྒཔོ་གྲེསཔ་ རྒྱ་མཚོ་གི་བཤད་མི་གནང་འབད་བ་ཅིན་ སློབ་དཔོན་ ཁོ་ར་ སྔོན་མ་ར་ གཡུས་ཚེ་གླིང་འཁོར་ལུ་ གདན་ས་བཅགས་གནང་ དེ་ལས་ གཡུས་ཚེ་གླིང་སྒོར་ལས་ གདུང་བསམ་ བདེ་བ་ཐང་ སྦོ་དོ་ཡེ་ ཟེར་སར་གྱོན་ཏེ་བཞུགས་ནུག། དེ་ལས་ཚུར་ ཁོ་རའི་སྔ་མའི་ལུང་བསྟན་དང་འཁྲིལ་ཏེ་ སླར་ཡང་འཇའ་དྲུང་དགོན་པ་ལུ་གྱོན་ཞིནམ་ལས་ སྤྱི་ལོ་ ༡༩༧༠ ལུ་ ལྷ་ཁང་བཞེངས་ཏེ་ སྤྱི་ལོ་ ༡༩༧༣ ལོར་ལུ་ བསྟན་སྲུང་ཁྲ་དེབ་ཡང་འཁོད་གནང་ནུག།
Contributed by x-gup Jamtsho 

5 comments:

  1. མཉམ་རོགས་ཆོས་རྒྱས་ ཁྱོད་ཀྱིས་ང་བཅས་གཡུས་ཁའི་སྐོར་ལས་ཞིབ་འཚོལ་འབད་དེ་བྲིས་མི་འདི་ལུ་ ང་རའི་ཁ་ཐུག་ལས་གནམ་མེད་ས་མེད་ ངེས་རང་ཡོད་ ཤུལ་ལས་རང་འབད་རུང་ཁྱོད་ཀྱིས་དེ་སྦེ་རང་འབད་གནང་ཟེར་ཞུ་ནི་དང་ ཁྱོད་ར་ལུས་ལུ་ན་ཚ་མེད་ སེམས་ལུ་སྡུག་སྔལ་མེད་པར་ སྐུ་ཁམས་བཟང་ཏོག་ཏོ་སྦེ་ཡོདཔ་འོང་མནོ་བའི་རེ་བ་ཡོད། འཕྲལ་རང་ཕྱེད་ཚུགས་པའི་སྨོན་ལམ་ཡོད།

    ReplyDelete
    Replies
    1. བཀའ་དྲིན་ཆེ་ལགས་ མཉམ་རོགས་ ཚེ་དབང་རྣམ་རྒྱལ། དེ་སྦེ་འབྲི་དགོ་མི་འདི་གཙོ་རང་ དང་པ་ཟེརཝ་ད་ལུ་ ང་རའི་སྤྲོ་བ་དང་ གཉིས་པ་ཟེརཝ་ད་ལུ་ མ་འོངས་པའི་མཉམ་རོགས་དང་ཨ་ལོ་འདི་ཚུ་གི་རྒྱུད་ལུ་ ཤེས་ཐབས་དང་ གསུམ་པ་ཟེརཝ་ད་ལུ་ ང་བཅས་རའི་ གཡུས་ཁའི་ལམ་ལུགས་སྲོལ་དང་ སྔོན་ལས་ཡོད་པའི་ ལྷ་ཁང་རྙིངམ་ཚུ་ འབྲུག་མི་ཡོངས་ཀྱི་གཟིགས་ཚུགས་ནི་གི་དོན་ལུ་ དམིགས་གཏད་བསྐྱེད་དེ་ བྲིས་བྲིསཝ་ཨིན་ཟེར་ཞུ་ནི་ལགས།

      Delete
  2. Please update your blog more frequently!

    ReplyDelete
    Replies
    1. Thanks la! will definitely update la, because as a student here in the college, i am not able to post and write due to so many assignments to be done and carry out my class activities. I have so many stories and photos of my village but, i want some more time to write la. Sir you are the one who inspired me to blog this and to come out with this simple blogger la! THANKS LA!

      Delete
  3. ནཱ་གིས་ སྤྱིར་རང་ལུགས་ལམ་སྲོལ་དང་ལྷག་པར་དུ་ ཁྱོད་རའི་གཡུས་ཀྱི་ཆགས་རབས་གསལ་ཏོ་ཏོ་སྦེ་བྲིས་ཡོད་མི་ལུ་ ཧིང་ལས་དགའ་ཚོར་དང་ངལ་རངས་ཞུ་དོ། ད་ལས་ཕར་འབད་རུང་ འཕྲོ་མཐུད་འབྲི་འོང་མནོ་བའི་རེ་བ་ཡོད་ལགས།

    ReplyDelete